[517A]དུ། སིདྡྷ་པ་ཋི་ཏ་བྷ་ག་ཝ་ཏཱི་ཨཱརྱ་ཨངྐུ་ལི་ནཱ་མ་བིདྱཱ་རཱ་ཛྙཱི། བོད་སྐད་ [517B] བཀླགས་པས་གྲུབ་པ་བཅོམ་ལྡན་འདས་མ་འཕགས་མ་སོར་མོ་ཅན་ཞེས་བྱ་བ་རིག་པའི་རྒྱལ་མོ། སངས་རྒྱས་ལ་ཕྱག་འཚལ་ལོ་།ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། ། དེ་ལྟར་དགེ་སློང་རྣམས་རི་དྲི་རྒྱལ་ན་གནས་ཏེ་དེའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་དེ་ན་བཞུགས་ཏེ། དེས་བདག་ལ་སྨྲས་པ། བུ་སྔགས་ཀྱི་ཚིག་འདི་ཉོན་ཅིག་ཀླུའི་དབང་པོ་ རྣམས་ཀྱི་དུག་མེད་པར་བྱེད། སྦྲུལ་གྱི་དུག་མེད་པར་བྱེད། །གཡོག་རྣམས་དང། སྲིན་པོ་རྣམས་དང། འབྱུང་པོ་རྣམས་དང། ཤ་ཟ་རྣམས་དང། སེམས་ཅན་སྟོབས་པོ་ཆེ་རྣམས་དང། གྲུལ་ བུམ་རྣམས་དང། སེམས་ཅན་ཕྲ་མོ་རྣམས་དང། ཕྲ་མེན་ཕ་དང་ཕྲ་མེན་མ་དང། ཆུ་སྲིན་དང། སྟག་དང། གྲུལ་བུམ་དང། རྭ་ཅན་དང། མཆེ་བ་ཅན་གྱིས་དེ་ལྟར་སྔགས་ཀྱི་ཚིག་དྲག་ཤུལ་ ཆེན་པོ་ཨཾ་གུ་ལི་ཡང་དག་པར་ཐོས་ན་སྔགས་ཀྱི་གཙོ་བོ་སེམས་ཅན་གདུག་པ་རབ་ཏུ་འཇིལ་བར་བྱེད་པ་སྟེ། །སྔགས་ཅན་གང་གིས་དེ་ཤེས་ན་ལྷ་རྣམས་ཀྱི་བདུག་པ་ཡང་དག་པར་མེད་པར་ བྱེད་དོ། །ཨོཾ་ན་མོ་དྷ་ག་ཝཱ་ཏེ་ཨཱརྱ་ཨཾ་གུ་ལི། ཏདྱ་ཐཱ་ཨོཾ་ཀླུའམ། ཀླུ་མོའམ། སྦྲུལ་ལམ། སྦྲུལ་མོའམ། གནོད་སྦྱིན་ནམ་གནོད་སྦྱིན་མོ་འམ། འབྱུང་པོའམ། འབྱུང་མོའམ། ཕྲ་མེན་ཕའམ་ ཕྲ་མེན་མའམ། གདུག་པས་ཟིན་པའམ། གདུག་པས་མ་ཟིན་པ་ཡང་རུང་སྟེ། ཕ་ཕ་ཕ། ཧ་རེ་ཧ་རེ་ཧ་རེ། ར་ཛ་རི། བེ་ཤ་བེ། ནཱ་ག་རེ། སརྦ་རེ་རེ། ཧ་ར་ཧ་ར། མ་ར་མ་ར། དྷ་ར་དྷ་ར། བི་དྷ་ར་ [518A]༄༅། །བི་དྷ་ར། མ་ར་མ་ར། མཱ་ར་ཡ་མཱ་ར་ཡ། མ་ཊ་མ་ཊ། མོ་ཊ་ཡ་མོ་ཊ་ཡ། ཤཱི་གྷྲཾ་ཤཱི་གྷྲཾ། ལ་གྷུ་ལ་གྷུ། ཨཱ་ན་ཡ་ཨཱ་ན་ཡ། དྷ་ར་དྷ་ར། བནྡྷ་བནྡྷ་བནྡྷ། གྷུརྞྞ་གྷུརྞྞ། གྷུརྞྞཱ་པ་ཡ་ གྷུརྞྞཱ་པ་ཡ། དཔག་ཚད་སྟོང་བརྒྱད་ཅུ་ན་གནས་པའི་ཀླུ་རྣམས་ཀྱི་གདུག་པ་མེད་པར་མཛོད་ཅིག་ཀླུ་ཐམས་ཅད་ཆིངས་ཤིག་སོད་ཅིག་།ཐར་བར་མཛོད་ཅིག་ཨོཾ་ཧུ་ལུ་ཧུ་ལུ། ཧ་ལ་ ཧ་ལ། ཧ་ལ་བའི་ཤཾ། བཅོམ་ལྡན་འདས་མ་གྲུབ་པའི་རྒྱལ་མོ་ཨཾ་གུ་ལིས་བཀའ་སྩལ་པ། ཏཀྐ་ཊཀྐེ། ཏཀྐེ་ནི། ཊཀྐེ་ནི། ཤི་ར་ཤི་ར། ཙནྡྲ་ཀེ་ཤ་རོ་ཧི་ཎི། བགེགས་ཐམས་ཅད་སེལ་བར་ མཛད་པ་ཅན། ལས་སྟོང་ཅན། བཅོམ་ལྡན་འདས་མ་གྲུབ་པ་ཨཾ་ཀུ་ལི་ཏ་ཐཱ་བི་ག་ཏ། ཀླུ་མོའི་ཚོགས་སུམ་ཅུས་མཆོད་པ། ཛ་ཡ་ཛ་ཡ་སིདྡྷ། རྒྱལ་བར་མཛད་པ། མི་མགོའི་ཐོད་གྱི་ཕྲེང་བ་ཅན་ ཧཱུཾ་ཀྵ་སྐད་ཅིག་ཐང་ཅིག་ཡུད་ཙམ་ཉིན་པར་གྱི་བར་དུ་དུག་སེལ་བ། ཨ་སུ་ར་དེ་བི་ཏ་དང། དན་པའི་སྟོབས་འཇོམས་པར་བྱེད་པ་ཅན་བགེགས་འཇོམས་པར་མཛད་པ་ཅན། ལྷའི་ཡུམ་ཁྱོད་ལ་ཕྱག་འཚལ་བསྟོད་སཱཧཱ་ སྔགས་ཀྱི་ཚིག་དྲག་ཤུལ་ཅན་སྦྲུལ་གྱི་མདུན་དུ་བཀླག་པར་མི་བྱ་སྟེ། འཆི་བ་དང། ཀླད་པ་འགས་ཤིང་ཚལ་བ་བརྒྱར་འགྱུར་རོ་།སྔགས་ཀྱི་ཚིག་དྲག་ཤུལ་ཅན་ཆེན་མོ་སྦྲུལ་གྱིས་ཐོས་ ན་ཐམས་ཅད་ཚིག་པར་བྱེད་དོ། །ཨོཾ་ཀི་ལི་ཀི་ལི། མཧཱ་ཀི་ལི། ཀཱ་ལ་རུ་ལི་ནི། བགེགས་ཐམས་ཅད་ཟློག་ཤིག་ཕ་ཕམ་ཕ་རོལ་ཕམ་པར་མཛོད་ཅིག་སཱཧཱ། བཀླགས་པས་གྲུབ་པ་ཨཾ་ [518B] །ཏདྱ་ཐཱ། ཨོཾ་དཧུ་ནེ་དཧུ་ནེ། དཧུ་ནི་དཧུ་ནི། སཏྱ། ཏཱཊྚ་ཧཱ་སི་ནི་དཧུ་དཧུ་ནི། བནྡྷ་བནྡྷ། རྡོ་རྗེའི་གཟུངས་མང་པོས་བཀའ་སྩལ་པ། འཇོག་པོའི་འདུག་འདོར་དུ་འཇུག་ལ། །ཛཱ་ ཡ་ཛཱ་ཡ། མུ་ཛ་མུ་ཛ། མུཉྫ་མུཉྫ། ཐོང་ཤིག་གློག་དང་རླུང་ཞེས་བྱ་བ་མགྱོགས་པའི་ཤུགས་ཅན། རོ་ལངས་ཆེན་མོ་བཅོམ་ལྡན་འདས་མ་ཤཱཀྱ་ཐུབ་པའི་ཞལ་ནས་འབྱུང་བའོ། །མུ་ཡ་མུཉྩ་ མུཉྩ་སཱཧཱ། བཀླགས་པས་འགྲུབ་པ་བཅོམ་ལྡན་འདས་མ་འཕགས་མ་སོར་མོ་ཅན་ཞེས་བྱ་བ་རིག་པའི་རྒྱལ་མོ་རྫོགས་སོ།། །།